ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཀི་ལིན་ཏྲན་གྱིས་ཨབ་ག་ནི་སེ་ཏན་གྱི་གནད་དོན་ཐད་གྲོས་ཚོགས་གོང་མར་གནས་ཚུལ་སྙན་སེང་གནང་བ།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལི་རི་ཀི་ལིན་ཏྲན་གྱིས་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པར་ སྲིད་འཛིན་བྷ་རག་ཨོཽ་བྷ་མ་ཡིས་ཨབ་ག་ནི་སེ་ཏན་ནས་ཨ་མི་རི་ཀའི་དམག་མི་སུམ་ཁྲི་སུམ་སྟོང་ཐམ་པ་ དུས་སང་ལོའི་དབྱར་མཇུག་རྒྱང་མེད་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་དེ་ནི་ དཀའ་འཚེགས་ཆེ་བའི་ཐག་གཅོད་གཅིག་ཡིན་ལ་ ད་ལྟའི་དགོས་མཁོ་དང་འཚམས་པ་ཞིག་ཀྱང་རེད་ཅེས་གསུངས་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་འགྲེ་ཝིཏྲ་མགུ་ལུས་ཀྲི་David Gollust)ཡིས་སྤེལ་བའི་གནས་ཚུལ་དེ་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG