ངོ་འཕྲད་བདེ་བའི་དྲ་འབྲེལ།

པེ་ནེ་ཏྲ་ཡིས་གྷ་དཱ་ཕི་ཡི་སྲིད་དབང་མཇུག་འགྲིལ་ཉེར་ཡོག་རེད་གསུངས་པ།


པེ་ནེ་ཏྲ་ཡིས་གྷ་དཱ་ཕི་ཡི་སྲིད་དབང་མཇུག་འགྲིལ་ཉེར་ཡོག་རེད་གསུངས་པ།

ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་ལིའོན་པཱེ་ན་ཀྲ་ཡིས་ ལི་བྷི་ཡེའི་གྱེན་ལོག་པ་ཚོས་ཤར་ནུབ་གཉིས་ཕྱོགས་ནས་རྒྱལ་ས་ཏྲིརི་པ་ལིའི་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་པ་དང་ གནས་སྟངས་འདིར་གཞིགས་ཚེ་ ད་ཆ་ལི་བྷི་ཡེའི་འགོ་ཁྲིད་མོ་མར་གྷ་དཱ་ཕི་ཡི་སྲིད་དབང་མཇུག་འགྲིལ་ཉེར་ཡོད་པའི་སྣང་ཚུལ་འདུག་ཅེས་གསུངས་ཡོད་པ་རེད་ ཁོང་དང་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲོན་གྱིས་ ལི་བྷི་ཡ་དང་ སི་རི་ཡས་གཙོས་པའི་དཀྱིལ་ཤར་ཡུལ་གྲུའི་གནད་དོན་མང་པོའི་ཐད་གཏམ་བཤད་གནང་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་གྲཱེ་ཝིཏྲ་གྷུ་ལིསྟྲ་ཀྱིས་གནས་ཚུལ་བཏང་བ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG