ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧི་ལ་རི་ཁེ་ལིན་ཊོན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྱུར་རྒྱུ།


འདས་པའི་ཟླ་བ་མང་པོར་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་ཁག་གི་སྲིད་འཛིན་འོས་མིར་སྔོན་འགྲོའི་འོས་ཤོག་འཕངས་ཡོད་པ་དང་། ད་ལྟ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་གཙོ་བོ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་ལ་འདེམས་བསྐོ་ལྷན་ཚོགས་ཀྱི་འཐུས་མིའི་འོས་ཤོག་འདང་ངེས་ཐོབ་སྟེ། ཁོང་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གཏན་ཁེལ་འབྱུང་རྒྱུ་ཐག་ཆོད་ཡོད་ཅིང་། འདི་ནི་ཨ་མི་རི་ཀའི་ལོ་རྒྱུས་སུ་བུད་མེད་ཀྱི་སྲིད་འཛིན་འོས་མི་ཞིག་བྱུང་བ་ཐེངས་དང་པོ་ཡིན་པས། ཕྱི་ཟླ་༦་ཚེས་༧་གྱི་དགོང་མོར་ཧི་ལ་རི་ཁེ་ལིན་ཊོན་གྱིས་རང་གི་རྒྱབ་སྐྱོར་པ་ཚོར་གཏམ་བཤད་བྱས་དོན། ངས་རྣམ་པ་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་ང་ཚོ་ལམ་རྡོ་གསར་པ་ཞིག་བརྒལ་བ་དང་། དོ་དགོང་གི་རྒྱལ་ཁ་འདི་མི་རབས་སྔོན་མ་ཚོས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཡིན། དོ་དགོང་གི་རྒྱལ་ཁ་འདི་མི་གཅིག་ལ་ཐོབ་པའི་རྒྱལ་ཁ་ཞིག་མིན། མི་རབས་མང་པོར་ཨ་མི་རི་ཀའི་བུད་མེད་དང་སྐྱེས་པ་དུ་མ་ཞིག་གིས་འཐབ་རྩོད་དང་བློས་གཏོང་བྱས་ནས་གོ་སྐབས་འདི་ཐོབ་པ་དང་། ༢༠༡༦་གི་སྲིད་འཛིན་འོས་འདེམས་འདི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་འགྲན་རྩོད་ཅིག་ཀྱང་མིན། ད་ལོའི་སྲིད་འཛིན་འོས་འདེམས་ནི་ང་ཚོ་ཨ་མི་རི་ཀ་བ་རྣམས་མི་གང་འདྲ་ཞིག་ཡིན་མིན་གྱི་རྣམ་པ་གསལ་བོར་སྟོན་པའི་འགྲན་རྩོད་ཅིག་ཡིན་ཞེས་བཤད་འདུག

XS
SM
MD
LG