ངོ་འཕྲད་བདེ་བའི་དྲ་འབྲེལ།

རི་བོ་ཧེ་མ་ལ་ཡའི་ཐོག་གི་གད་སྙིགས་བསྡུ་རུབ།


ཤར་པའི་མི་རིགས་ཡིན་པའི་རི་བོ་ཧེ་མ་ལ་ཡའི་ཐོག་ལ་ཐེངས་མང་ཤོས་འཛེགས་པའི་སྐད་གྲགས་ཡོད་པ་ ཨ་ཕ་ཤར་པ་ཞུ་བས་སྣེ་འཁྲིད་པའི་རི་འཛེགས་ཚོགས་པ་གཅིག་གིས་རི་བོ་ཧེ་མ་ལ་ཡའི་ཐོག་ལ་གད་སྙིགས་མེད་པ་བཟོ་རྒྱུའི་ལས་འགུལ་ཞིག་རྒྱུ་ཡིན་པ་དང་ ཐེངས་དེའི་གད་སྙིགས་གཙང་བཟོའི་ལས་དོན་དེིའི་ཆེད་དུ་རི་འཛེགས་ཚོགས་པ་དེ་བཞིན་དེ་རིང་ཕྱི་ཟླ་བཞི་པའི་ཚེས་༦ཉིན་མོ་ཧེ་མ་ལ་ཡའི་ཕྱོགས་སུ་ཐོན་ཡོད་པ་དང་ ཁོང་ཚོས་ད་རེས་ཀྱི་གཙང་བཟོའི་ལས་དོན་དེའི་སྐབས་སུ་རི་རྩེ་ནས་གད་སྙིགས་ ལྗིད་ཚད་Pounds སྟོང་ཕྲག་བཅུ་གཅིག་ཙམ་བསྡུ་རུབ་བྱས་ཏེ་རི་གཤམ་དུ་འཁྱེར་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་ཞིག་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG