ངོ་འཕྲད་བདེ་བའི་དྲ་འབྲེལ།

གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ནས་རེ་བ་དེ་ཙམ་མེད་པ།


སྔ་ལོ་གྲོང་ཁྱེར་ཀོ་པན་ཧེ་གན་ནང་འཚོགས་པའི་འཛམ་གླིང་མཉམ་བྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་ཀྱི་གྲུབ་འབྲས་དེར་བློ་ཕམ་ཡིད་ཐང་ཆད་པའི་གནས་ཚུལ་མང་པོ་ཞིག་བྱུང་ཡོད་པ་སྟབས་མེག་སི་ཀོའི་གྲོང་ཁྱེར་ཀེན་ཀུན་ནང་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ཚེ་ ༢༩ ནས་ ཕྱི་ཟླ་བཅུ་གཉིས་པའི་ཚེ་ ༡༠ བར་འཚོག་རྒྱུའི་ལྷན་ཚོགས་དེའི་གྲུབ་འབྲས་ལ་རེ་བ་དེ་ཙམ་གནང་གི་མེད་པ་དང་ འོན་ཀྱང་གྲོང་ཁྱེར་ཧུས་ཀྲོན་ནས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་གྷེ་རེག ཕ་ལུ་ཀས་ཡིས་གནས་ཚུལ་བཏང་བར་ཞིགས་ན ས་གོ་ལའི་དྲོད་ཚད་འཕར་པ་དང་དེའི་ཤུགས་རྐྱེན་ངན་པ་དེ་ཚོ་མེད་པ་བཟོ་རྒྱུའི་འཛམ་གླིང་གི་འབད་རྩོན་ལས་དོན་ཁག་ལག་བསྟར་བྱ་རྒྱུར་ ལྷན་ཚོགས་ནང་ཉམས་བཞུགས་གནང་མཁན་གཞུང་ཚོས་ཡར་རྒྱས་ཀྱི་གོམ་སྟབས་མང་པོ་ཞིག་དང་ལེན་གནང་རྒྱུ་ཡོད་པའི་སྐོར་ ཁོར་ཡུག་སྲུང་སྐྱོབས་པ་ཚོས་འགྲེལ་བརྗོད་གནང་གི་ཡོད་པའི་སྐོར་གྱི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG