ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

གདམ་ཀ་འཕྲོད་བསྟེན་ལྟ་སྐྱོང་ཁང་སྒོ་རྒྱག་འཆར་ཡོད་པ།


བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་འབྲེལ་མིན་པའི་འཕྲོད་བསྟེན་ལྟ་སྐྱོང་ཚོགས་པ་༼གདམ་ཀ་༽ཞེས་པ་ཡིས་འདས་པའི་ལོ་ཤས་ནང་དུ་བོད་མི་ཚོའི་གཉན་ནད་རེག་དུག་གི་ན་ཚའི་ཐད་ལས་དོན་ཕྱག་ལས་གནང་མྱོང་བ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ལྷན་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚཽགས་སུ་འཕྲོད་བསྟེན་ལྟ་སྐྱོང་གི་ལས་དོན་གྲུབ་འབྲས་ལྡན་པ་གནང་བཞིན་པ་ལ་བསྟེན་ནས་་ལས་ཀ་ཉིས་རྩེག་ལ་མི་འགྱུར་བའི་ཆེད་༼གདམ་ཀ་༽ལས་ཁུངས་འདི་སྒོ་རྒྱག་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པའི་སྐོར་རྡ་རམ་ས་ལ་ནས་གནས་ཚུལ་མཁོ་གཏོང་བ་ལྷག་པ་སྐྱིད་འཛོམས་ལགས་ཀྱིས་བཏང་ཡོང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG