ངོ་འཕྲད་བདེ་བའི་དྲ་འབྲེལ།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་མཐུན་འོས་མི་རྣམ་པར་ཆེད་ཞུ།


ཕྱི་ལོ་༢༠༢༡ ལོའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་རིང་ལ་འོས་ཤོག་འཕེན་མཁན་རྣམས་ཀྱིས་འོས་མི་རྣམས་ཀྱི་ལོ་རྒྱུས་དང་ཁོང་ཚོའི་ལངས་ཕྱོགས་སོགས་ལ་ཤེས་རྟོགས་ཡོང་ཆེད། འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་སྤྱི་འཐུས་འོས་མིའི་ངོ་སྤྲོད་ལས་རིམ་ཞིག་རྒྱང་སྲིང་ཞུ་རྒྱུ་ཡིན།

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་འོས་མིར་བཞེངས་མཁན་རྣམ་པས་སྐུ་ཉིད་ཀྱི་མཚན་དང་། བཞུགས་གནས། ཐོབ་ཁོངས་གང་ནས་བཞེངས་ཀྱི་ཡོད་པ། སྤྱི་འཐུས་འོས་མིར་བཞེངས་དགོས་པའི་རྒྱུ་མཚན་བཅས་འཁོད་པའི་བརྙན་ཐུང་སྐར་མ་གཉིས་ལས་མ་བརྒལ་བ་ཞིག་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་མཁོ་སྤྲོད་གནང་ཚེ། VOA ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ཀུན་གླེང་བརྙན་འཕྲིན་དང་། སྤྱི་ཚོགས་དྲ་རྒྱ་ཁག རླུང་འཕྲིན་བཅས་སུ་དེ་བཞིན་རྒྱང་སྲིང་བྱ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་འོས་མི་རྣམས་ལས་རིམ་འདིའི་ནང་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་དང་བཅས་བརྙན་ཐུང་དེ་ We Transfer (https://wetransfer.com) དྲ་རྒྱ་བརྒྱུད་སོ་སོའི་གློག་འཕྲིན་(email)ནས་གློག་འཕྲིན་ཁ་བྱང་ tibetantv@gmail.com སྟེང་ལ་བསྐུར་བར་ཞུ། སྤྱི་འཐུས་འོས་མིའི་བརྙན་ཐུང་དེ་དག་ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་༢༥ ཡི་སྔོན་ལ་ཅི་ནས་ཀྱང་འདི་གར་འཕྲོད་པ་གནང་དགོས། དེ་དོན་དགོངས་འཇགས་ཡོད་པ་ཞུ།།

དཔྱད་བརྗོད་ལ་བལྟ།

XS
SM
MD
LG