ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གོང་ཏུང་གི་ཝུའུ་ཁང་གྲོང་མིའི་ངོ་རྒོལ་རྒྱ་ཆེ་རུ་གཏོང་བཞིན་པ།


རྒྱ་ནག་གོང་ཏུང་གི་ཝུའུ་ཁང་གྲོང་མིའི་ངོ་རྒོལ་རྒྱ་ཆེ་རུ་གཏོང་བཞིན་པ།
རྒྱ་ནག་གོང་ཏུང་གི་ཝུའུ་ཁང་གྲོང་མིའི་ངོ་རྒོལ་རྒྱ་ཆེ་རུ་གཏོང་བཞིན་པ།

ཉེ་ཆར་ས་ཆའི་བདག་དབང་གི་རྩོད་གཞི་དང་འབྲེལ་ཞུ་གཏུགས་བྱེད་མཁན་མི་མང་གི་འཐུས་མི་བཀག་ཉར་འོག་འདས་གྲོངས་སུ་གྱུར་བ་སོགས་ཀྱི་རྐྱེན་པས་ས་གནས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་བྱེད་བཞིན་པའི་རྒྱ་ནག་ལྷོ་ཕྱོགས་གོང་ཏུང་ཞིང་ཆེན་གྱི་ཝུའུ་ཁང་གྲོང་ཚོའི་མི་མང་གིས་རང་གི་གནས་སྟངས་ལ་སྲིད་གཞུང་གིས་དོ་སྣང་ཆེ་ཙམ་ཡོང་ཆེད་དུ་གཟའ་ལྷག་པའི་ཉིན་མོ་ཉེ་འཁོར་གྱི་གྲོང་ཁྱེར་ཆེ་བའི་བར་དུ་གོམ་བསྐྱོད་དང་གྲོང་ཁྱེར་སྲིད་གཞུང་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད་ དེའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་འཐོན་པ་ཞིག་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG