ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་དམག་རྒྱ་གར་གྱི་ས་ཐོག་ཏུ་སིམ་འཛུལ།


5. 5, 2013.
5. 5, 2013.

ཁ་སང་ཕྱི་ཚེས་༢༠་ཉིན་རྒྱ་གར་གྱི་དམག་གིས་ལ་དྭགས་བྱང་ཕྱོགས་ཀྱི་ས་མཚམས་ཤིག་ལ་སྐོར་གཡེང་བྱས་ཡོད་ཅིང་། རྒྱ་གར་གྱི་མཐའ་མཚམས་སྲུང་དམག་རྣམས་རང་གི་དམག་སྒར་ནས་སྤྱི་ལེ་༡་དང་ཕྱེད་ཀ་ཙམ་ལས་མ་སོང་བར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ས་མཚམས་བརྒལ་ཏེ། ཁོ་ཚོ་རྒྱ་གར་གྱི་ས་ཐོག་ལ་སྤྱི་ལེ་༢༥་ནས་༣༠་ཙམ་སིམ་འཛུལ་བྱས་ནས་བསྡད་ཡོད་པ་དེར་ཐུག་པ་དང་། སྐབས་དེར་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་ན་ལྷ་དམག་སྒར་ནས་ལ་དྭགས་བྱང་ཕྱོགས་ཀྱི་སྤུར་རྩེ་ས་ཁུལ་ལ་སྐོར་སྐྱོད་བྱེད་ཀྱི་ཡོད་ཀྱང་། ཁོ་ཚོ་འཕྲལ་དུ་རང་གི་དམག་སྒར་ལ་ཕྱིར་ལོག་བྱས་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་འཁྲུག་རྩོད་མ་བསླངས་པ་དང་། དེ་རིང་སླར་ཡང་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་སྐོར་གཡེང་ལ་བསྐྱོད་ཀྱང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་སྔར་བཞིན་ས་གནས་དེར་བསྡད་ཡོད་པ་མ་ཟད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་འདི་རྒྱ་ནག་གི་ས་ཆ་རེད། ཁྱོད་ཚོ་རང་གི་ས་ཐོག་ལ་ཕྱིར་ལོག་བྱོས་ཞེས་ཡི་གེ་བྲིས་པའི་དར་ཆ་དམར་པོ་གཡུགས་ཡོད་པ་དང་། རྒྱ་གར་གྱི་འཕྲལ་སྒྲུབ་དམག་གི་རུ་ཁག་ཅིག་མྱུར་དུ་མཐའ་མཚམས་སྲུང་དམག་གི་རྒྱབ་ནོན་ལ་བཏང་རུང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་སོར་གང་འགུལ་སྐྱོད་མ་བརྒྱབ་པ་དང་། རྒྱ་གར་གྱི་དམག་གིས་ས་མཚམས་ལ་ཟིང་འཁྲུག་མི་སློང་བའི་ཆེད་དུ་སླར་ཡང་རང་གི་དམག་སྒར་ལ་ཕྱིར་ལོག་བྱས་ཏེ། ཁོ་ཚོས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་རྒྱ་གར་གྱི་ས་ཐོག་ལ་སིམ་འཛུལ་བྱས་ཡོད་པ་གོང་རིམ་གྱི་འགོ་ཁྲིད་ཚོར་སྙན་གསེང་ཞུས་པ་རེད་ཅེས་གསར་འགྱུར་ཐོན་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG