ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་རང་དབང་འཐབ་རྩོད་པ་ཞིག་ལ་གཡོ་ཁྲམ་གྱི་ནག་ཉེས་ཐོག་ཏུ་ཁྲིམས་གཅོད།


ད་ལོ་རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ། དྲ་ཚིགས་ཀྱི་རྩོམ་པ་པོ་དང་གསར་འགོད་པ་རྣམས་འཛིན་བཟུང་བྱས་ཏེ། ཨ་རབ་རྒྱལ་ཁབ་ཁག་གི་མང་ཚོགས་ཀྱི་གྱེན་ལོག་གསར་བརྗེ་རྒྱ་ནག་ལ་དར་ཁྱབ་འགྲོ་རྒྱུ་སྔོན་འགོག་བྱས་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་མི་དེ་དག་གི་གྲས་སུ་ལི་ཧྲུའང་ཏེ་ཟེར་པའི་དམངས་གཙོ་དོན་གཉེར་པ་ཞིག་ཀྱང་ཡོད་པ་སྟེ། ཁོང་ལ་རྒྱ་ནག་གཞུང་གིས་དངུལ་བུན་ཁ་ཌིའི་བུ་ལོན་མ་སྤྲད་པའི་ནག་ཉེས་བཙུགས་ནས་དུས་ཡུན་ཟླ་བ་༤་ལ་བཙོན་འཇུག་དང་། མི་དམངས་ཤོག་སྒོར་ཁྲི་ཚོ་གཉིས་ཆད་པ་བཅད་ཀྱང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཚོས་ལི་ཧྲུའང་ཏེ་ལ་དངུལ་བུན་ཁ་ཌིའི་བུ་ལོན་མ་སྤྲད་པའི་ནག་ཉེས་ཚབས་ཆེ་ཞིག་གཏན་ནས་མེད་པ་དང་། ཁོང་གིས་རྒྱ་ནག་གི་གཞི་རིམ་འགོ་ཁྲིད་དེ་ཚོ་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་ཀྱི་ཡོད་པ་དྲངས་སྙོམས་ཤིག་ཡོང་བའི་ལས་འགུལ་སྤེལ་ཏེ། རྒྱ་ནག་གི་ས་གནས་ཁག་གི་འགོ་ཁྲིད་མང་པོ་ཞིག་ལ་ཕོག་ཐུག་བཏང་བ་དེར་ཐུག་ཡོད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པ་རེད།

XS
SM
MD
LG