ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དམར་སྲུང་དམག་ཟུར་པ་ཞིག་གི་འགྱོད་བཤགས།


དེ་སྔ་༡༩༦༦་ནས་༧༦་བར་དུ་རྒྱ་ནག་ལ་ལངས་པའི་ལོ་བཅུའི་རིག་གནས་གསར་བརྗེའི་ལས་འགུལ་དེ་འགྲོ་བ་མི་སྤྱི་དང་། ལྷག་པར་དུ་རྒྱ་ནག་གི་ཉེ་རབས་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཆེས་གདུག་རྩུབ་དང་ཆེས་མུན་ནག་གི་ལེའུ་ཞིག་ཡིན་ཞིང་། རིག་གནས་གསར་བརྗེའི་སྐབས་སུ་མའོ་ཙེ་ཏུང་གི་བཀོད་འདོམས་འོག་དམར་སྲུང་དམག་གིས་མི་མང་ས་ཡ་མང་པོར་གྲལ་རིམ་དགྲ་བོ་ཞེས་ཉེས་མིང་བཏགས་ཏེ། ཁོ་ཚོར་འཐབ་འཛིང་བྱས་པ་དང་མནར་གཅོད་བཏང་བ། ཐ་ན་མི་ལ་རྡུག་རྡེག་བཏང་ནས་དམར་གསོད་བྱས་པའང་གྲངས་ལས་འདས་ཀྱང་། ད་བར་རྒྱ་ནག་གི་རིག་གནས་གསར་བརྗེའི་གདུང་རྩུབ་ལ་གླེང་སློང་བྱེད་མཁན་དེ་ཙམ་མེད་ཅིང་། ད་ལྟ་རྒྱ་ནག་ལ་རིག་གནས་གསར་བརྗེ་མཇུག་བསྒྲིལ་ནས་ལོ་ངོ་༢༨་འགྲོ་བའི་མཚམས་སུ་དམར་སྲུང་དམག་ཟུར་པ་ཁག་ཅིག་གིས་རང་གི་སྔོན་གྱི་བྱས་ཉེས་ཁག་ལ་ཡོངས་གྲངས་སུ་འགྱོད་བཤགས་བྱེད་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་མི་མང་ལ་རིག་གནས་གསར་བརྗེའི་ནོར་འཁྲུལ་དེ་དག་གླེང་སློང་བྱེད་དུ་འཇུག་གི་ཡོད་པ་དེར་བལྟས་ཚེ། ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོས་ལོ་ངོ་བཅུའི་ཡོ་འཁྱོམ་ཆེ་བའི་ལོ་རྒྱུས་དེར་བསྐྱར་ཞིབ་ཡང་དག་པ་ཞིག་བྱེད་སྲིད་ཅེས་མི་ཁག་ཅིག་གིས་རེ་བ་འཆང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG