ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་སྲིད་བློན་གྱི་ཞི་འཇམ་བྱམས་བརྩེའི་རྣམ་འགྱུར་རྗུན་མ་ཡིན་ལུགས་བརྗོད་ཡོད།


རྒྱ་ནག་སྲིད་བློན་གྱི་ཞི་འཇམ་བྱམས་བརྩེའི་རྣམ་འགྱུར་རྗུན་མ་ཡིན་ལུགས་བརྗོད་ཡོད།
རྒྱ་ནག་སྲིད་བློན་གྱི་ཞི་འཇམ་བྱམས་བརྩེའི་རྣམ་འགྱུར་རྗུན་མ་ཡིན་ལུགས་བརྗོད་ཡོད།

རྒྱ་ནག་རྒྱལ་ནང་དུ་ས་ཡོམ་དང་ས་རུད་སོགས་ཀྱི་རྐྱེན་ངན་བྱུང་བའི་སྐབས་སུ་སྲིད་བློན་ཝན་ཅ་པའོ་ཡིས་བསྟན་པའི་ཡིད་སྐྱོ་དང་བྱམས་བརྩེའི་རྣམས་འགྱུར་ལྡན་པའི་བྱ་སྤྱོད་དེ་དག་དང་ ཕྱིའི་རྒྱལ་ཁབ་ཁག་ཏུ་ཞི་འཇམ་དང་བསམ་ཤེས་གུ་ཡངས་ཀྱི་རྣམ་འགྱུར་བསྟན་པ་ཚང་མ་རྗུན་མ་ཡིན་པ་དང་ དེ་དག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་སྲུང་སྐྱོབ་བྱ་རྒྱུ་ཁོ་ནར་དམིགས་ཏེ་བྱས་པའི་ངན་ཇུས་རེད་ཅེས་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཡུས་ཇེ་ཡིས་རྩོམ་བྲིས་བྱས་པའི་དེབ་གསར་ཝན་ཅ་པའོ་ རྒྱ་ནག་གི་འཁྲབ་སྟོན་པ་མཁས་ཤེས། ཞེས་འགོ་བརྗོད་དུ་འཁོད་པའི་དེབ་ནང་གསལ་བར་བཀོད་ཡོད་པ་རེད།་རྒྱ་མི་རྩོམ་པ་པོ་དེ་ནི་རྒྱ་ནག་ནང་ ཆོས་དད་རང་དབང་དང་ གསར་འགོད་རང་དབང་ དེ་བཞིན་དམངས་གཙོ་འཕེལ་རྒྱས་གཏོང་དགོས་སོགས་ཀྱི་ བསམ་ཚུལ་ཤུགས་ཆེ་འདོན་མཁན་རྩོམ་བྲིས་པ་གྲགས་ཅན་ཞིག་ཡིན་པར་སོང༌། ད་བར་ཁོང་ལ་ཉེས་ཆད་བཀལ་བ་བྱུང་མེད་ནའང་ ད་རེས་ཁོང་གིས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དེར་སྐྱོན་བརྗོད་དངོས་སུ་བྱས་པར་བརྟེན་ཁོང་ལ་བཙོན་འཇུག་གི་ཉེས་ཆད་འགེལ་རྒྱུའི་ཉེན་བརྡ་བཏང་ཟིན་ཡོད་པ་རེད།

XS
SM
MD
LG