ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་བློན་གྱིས་བལ་ཡུལ་དུ་ལྟ་སྐོར་བྱ་རྒྱུ་ཕྱིར་འཐེན་བྱས་པ།


རྒྱ་ནག་གི་སྲིད་བློན་གྱིས་ཕྱི་ཟླ་བཅིུས་པའི་ཚེས་༢༠་ཉིན་བལ་ཡུལ་གྱིས་ནང་ཉིན་གྲངས་གསུམ་གྱི་རིང་འཚམས་འདྲི་ལྟ་སྐོར་བྱེད་འཆར་བྱས་ཏེ་་བལ་ཡུལ་གཞུང་གིས་བདེ་སྲུང་གི་ཐད་དམ་དྲག་ཇེ་ཆེ་བྱས་དང་བྱེད་བཞིན་པ་ཐེ་བའི་གྲ་སྒྲིག་འཐུས་ཚང་བྱས་ཏེ་ཡོད་ཀྱང་་ད་རིང་གཟའ་མིག་དམར་གྱི་ཞོགས་པ་རྒྱ་ནག་གིས་ལྟ་སྐོར་དེ་དུས་ཚོད་ངེས་མེད་བར་དུ་ཕྱིར་འགྱངས་བྱས་པ་ཡིན་ཞེས་བརྗོད་ཡོད་པར་བརྟེན་བལ་ཡུལ་གཞུང་ཧང་སང་པ་དང་བློ་ཕམ་པ་ཞིག་བྱུང་ཡོད་པ་རེད།་བལ་ཡུལ་གཞུང་གི་ངོས་ནས་ད་རེས་རྒྱ་ནག་ནས་རོགས་རམ་ཨ་སྒོར་འཐེར་འབུམ་ལྔ་ཞུ་རྩིས་བྱས་པ་དང་དེ་བཞིན་བལ་ཡུལ་གྱི་དངོས་ཟོག་ཁྲལ་མེད་པར་རྒྱ་ནག་ལ་ཕྱི་ཚོང་དང་བོད་མིར་བཀག་བསྡོམ་བྱ་རྒྱུ་ཐེ་བའི་ས་མཚམས་ཀྱི་བདེ་འཇགས་སོགས་ཀྱི་ཐད་གྲོས་མོལ་བྱེད་རྩིས་བྱས་ཡོད་པ་རེད།

XS
SM
MD
LG