ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གཞུང་གིས་ཆབ་སྲིད་བསྒྱུར་བཅོས་བྱེད་རྒྱུ་མིན་པ་བརྗོད་པ།


རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་འུ་པང་གོའོ་གིས་ ཁ་ས་ཚེས་བཅུ་གཟའ་ཕུར་བུའི་ཉིན་མོ་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་ལས་དོན་སྙན་ཞུ་ཟེར་བ་བྱས་པའི་སྐབས་སུ་ རྒྱ་ནག་གིས་སྲིད་དོན་ཚོགས་པ་མང་པོའི་སྲིད་དབང་ལམ་ལུགས་དང་ཡང་ན་ ནུབ་ཕྱོགས་ཀྱི་རྣམ་པ་ཅན་གྱི་ཆབ་སྲིད་བསྒྱུར་བཅོས་ཀྱི་ལམ་དུ་བསྐྱོད་སྲིད་ཀྱི་མ་རེད་ཅེས་བརྗོད་ཡོད་པ་དང་ རྒྱ་ནག་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ན་ སྲིད་དོན་ཚོགས་པ་མང་པོ་བསྐོར་རེས་ཀྱིས་སྲིད་དབང་བཟུང་བའི་ལམ་ལུགས་དང་འཛིན་སྐྱོང་ལྷན་ཁང་་དང་གྲོས་ཚོགས་ལྷན་ཁང་ ཁྲིམས་བཟོ་ལྷན་ཁང་སོགས་ལོགས་སུ་དབྱེ་བའི་ལམ་ལུགས་དང་ དེ་བཞིན་གྲོས་ཚོགས་གོང་འོག་གཉིས་སུ་དབྱེ་བའི་ལམ་ལུགས་སོགས་ནུབ་ཕྱོགས་པའི་དམངས་གཙོའི་ལམ་ལུགས་ལྟ་བུ་ཡོང་ཐབས་མེད་པ་བརྗོད་ཡོད་པ་རེད།

XS
SM
MD
LG