ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་དབྱིན་ཇིའི་ཚོང་ལས་གྲོས་མཐུན།


རྒྱ་ནག་དང་དབྱིན་ཇིའི་ཚོང་ལས་གྲོས་མཐུན།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་དང་། ལྷག་པར་དུ་ཕྱི་ལོ་༢༠༡༡་ནས་རྒྱ་ནག་གཞུང་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་རྩོམ་པ་པོ། གསར་འགོད་པ་སོགས་རྒྱ་ནག་གི་ཤེས་ཡོན་ཅན་མང་པོ་ཞིག་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པའི་མཚམས་འདིར་སྲིད་བློན་དབུན་ཅ་པའོ་དབྱིན་ཡུལ་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། ད་རིང་ཕྱི་ཚེས་༢༧་ཉིན་རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་དང་དབྱིན་ཇིའི་སྲིད་བློན་ཌི་བི་ཌི་ཁེམ་རུན་གཉིས་ཀྱིས་ཨ་སྒོར་དུང་ཕྱུར་༡༦་ལྷག་གི་ཚོང་ལས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་དེ། ཁོང་ཚོས་ཡོ་རོབ་གཅིག་གྱུར་གྱི་དངུལ་ལོར་འགྲོ་རྒྱུག་བྱེད་ཡུལ་རྒྱལ་ཁབ་ཁག་གི་གཞུང་གྲོན་བསྲི་ཚགས་དང་། རྒྱལ་ཁབ་དེ་དག་ལ་ཨ་སྒོར་དུང་ཕྱུར་མང་པོའི་བུ་ལོན་འཁོར་ཡོད་པ་གསོད་ཐུབ་རྒྱུ་ཡིན་མིན་བཅས་ལ་གྲོས་བསྡུར་བྱས་ཡོད་པ་རེད།

XS
SM
MD
LG