ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཞིག་ལ་འདི་ལོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཐོབ་རྒྱུའི་རེ་བ་ཡོད་པ།


རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཞིག་ལ་འདི་ལོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཐོབ་རྒྱུའི་རེ་བ་ཡོད་པ།

རྒྱ་ནག་གཞུང་གི་དོ་དམ་བཙོན་འཇུག་འོག་ཡོད་པའི་ རྒྱ་མི་དམངས་གཙོ་དོན་གཉེར་བ་སྙན་གྲགས་ཅན་ལིའུ་ཤཱ་བོ་ལ་་ འདི་ལོའི་ནོའ་ཝལ་ཞི་བདེའི་གཟེངས་རྟགས་ཐོབ་རྒྱུའི་རེ་བ་ཡོད་པའི་སྐོར་གནས་ཚུལ་ཐོན་གྱི་ཡོད་པ་དང་ གལ་ཏེ་དེ་ལྟར་དོན་ལ་གནས་ཚེ་ དེ་ནི་རྒྱ་ནག་གི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་ཆགས་རྒྱུ་ཡིན་པ་མ་ཟད་ རྒྱ་ནག་ནང་གི་དམངས་གཙོ་དོན་གཉེར་བ་རྣམས་ལ་རྒྱལ་ཁ་ཆེན་པོ་ཞིག་དང་ སྲིད་དབང་གཅིག་སྡུད་ཀྱི་རྒྱ་ནག་གཞུང་ལ་ཕམ་ཉེས་ཆེན་པོ་ཞིག་ཀྱང་ཆགས་རྒྱུ་ཡིན་སྟབས་ རྒྱ་ནག་གཞུང་ཁོང་ཁྲོ་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་མི་རྣམས་ཀྱིས་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG