ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་ཨིན་ཇིའི་འབྲེལ་ལམ་བཟང་དུ་གཏོང་བཞིན་པ།


British Prime Minister David Cameron and Chinese Premier Wen Jiabao toast a signing ceremony at the Great Hall of the People in Beijing, 09 Nov 2010

ཨིན་ཇིའི་སྲིད་བློན་མཆོག་དང་བློན་ཆེན་བཞི་དེ་བཞིན་ཚོང་དོན་གྱི་འགོ་ཁྲིད་༥༠ ཙམ་ཞིག་བཅས་རྒྱ་ནག་གི་ནང་ཉིན་གྲངས་བཞིའི་རིང་འཚམས་འདྲི་བལྟ་སྐོར་བྱེད་བཞིན་ཡོད་པ་རེད། ད་རེས་ཨིན་ཇིའི་ངོས་ནས་འཚམས་གཟིགས་འདི་ནི་དཔལ་འབྱོར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་དང་དུས་མཚུངས་རྒྱ་ནག་དང་འཕྲུལ་རིག་མ་ལག་སོགས་ཀྱི་ཐོག་ཨ་སྒོར་ཐེར་འབུམ་ལྷག་མ་གནས་ཀྱི་ཚོང་དོན་གྱི་ཆོད་འགན་བཞག་ཡོད་འདུག། འོན་ཀྱང་སྐུ་ཞབས་ཀེམ་རན་གྱིས་ད་རེས་རྒྱ་ནག་གི་འགོ་ཁྲིད་མཉམ་དུ་རྒྱ་ནག་གི་ནང་དང་ དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གོ་བསྡུར་དངོས་གསལ་དོད་པོའི་ཐོག་ནས་གནང་དགོས་ཀྱི་ཡོད་ཅེས་རྒྱ་རིགས་སྒྱུ་སྩལ་བ་གྲགས་ཅན་ཨེ ཝི་ཝི་དང་ཨིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པ་བོད་རང་དབང་ཚོགས་པ་སོགས་ཀྱིས་གནོན་ཤུགས་སྤྲད་དང་སྤྲོད་བཞིན་པ་མ་ཟད་ སྲིད་བློན་གྱིས་ཀྱང་ཨིན་ཇིའི་གསར་འགྱརུ་ལས་ཁང་ལ་གཏམ་བཤད་བྱས་པར་གཞིགས་ན་ ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོའི་ཐད་གླེང་རྒྱུ་དེ་ནི་རྒྱ་ནག་ནང་བཀའ་མོལ་གནང་བའི་གྲོས་གཞིའི་ནང་ཏན་ཏན་ཚུད་ཡོད་ཅེས་བརྗོད་ཡོད་པ་རེད།

XS
SM
MD
LG