ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྔ་བ་ཀི་རྟི་དགོན་པའི་དགེ་འདུན་པ་གཉིས་འཛིན་བཟུང་།


བོད་མདོ་སྨད་རྔ་བའི་ཕྱོགས་སུ་ད་ལྟ་ད་དུང་མུ་མཐུད་དེ་དམ་དྲག་བྱེད་བཞིན་ཡོད་པ་དང་ དེ་རིང་བསྐྱར་དུ་གནས་ཚུལ་འབྱོར་གསལ་ལ་ཀི་རྟི་དགོན་པའི་དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་གྱུར་ཡོད་འདུག་ཏེ་ ཡང་རང་ལུས་ལ་མེ་སྤར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་ཀི་རྟི་དགོན་པའི་དགེ་མདུན་པ་དང་རྔ་བ་སེར་སྐྱ་མི་མང་གིས་དགའ་ལྡན་ལྔ་མཆོད་ཀྱི་སྐབས་སུ་མཆོད་མེ་སྤར་ཏེ་གསོལ་འདེབས་སྨོན་ལམ་བཏབ་ཡོད་པ་སོགས་ཀྱི་སྐོར་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལའི་ཀི་རྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་ཚེ་རིང་སྐྱིད་ཀྱིས་བཀའ་འདྲི་ཞུས་ཡོད་པ་ཞིག་ལ་་གསན་རོགས་གནང་།

XS
SM
MD
LG