ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིས་ཅིན་ཕིང་གིས་འཇིགས་སྐུལ་ལ་གཏིང་ཐག་ཆོད་པོས་འཐབ་རྒོལ་བྱ་དགོས་ཟེར།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངསལ་གཟིགས་ཞིབ་ཏུ་ཕེབས་ཏེ། ཁོང་གི་གཟིགས་ཞིབ་མཇུག་མ་བསྒྲིལ་གོང་དུ་ཨུ་རུ་མུ་ཆི་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ་འབར་མདེལ་གྱི་གཏོར་རྒོལ་བྱས་ནས་མི་༣་ལ་སྲོག་སྐྱོན་དང་མི་༧༩་ལ་རྨས་སྐྱོན་ཕོག་ཡོད་ཅིང་། རྒྱ་ནག་གཞུང་གིས་དྲག་ཆས་ཉེན་རྟོག་པ་དང་སོ་མྱུལ། ཉེན་རྟོག་པ་སོགས་ཅི་ཙམ་འགྲེམ་འཇོག་བྱས་ཀྱང་ཞིན་ཅང་གི་ས་ཐོག་ཏུ་གཏོར་རྒོལ་འབྱུང་རྒྱུ་འགོག་ཐུབ་མེད་པ་དང་། ཞིས་ཅིན་ཕིང་གིས་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་འདིར་གཏིང་ཐག་ཆོད་པོའི་འཐབ་རྒོལ་བྱ་དགོས་ཞེས་ཉེན་བརྡ་བཏང་རུང་། ད་དུང་ཡང་ཕྱི་ཟླ་༤་ཚེས་༣༠་ཉིན་ཨུ་རུ་མུ་ཆི་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ་འབར་མདེལ་གྱིས་གཏོར་རྒོལ་བྱེད་མཁན་སྤྱི་སྒེར་སུ་ཞིག་ཡིན་མིན་རྩད་གཅོད་ཐུབ་མེད་པ་དང་། ཡུ་གུར་པའི་ཚོགས་པ་དང་སྐྱེ་བོ་སྒེར་པ་སུ་ཞིག་གིས་ཀྱང་གཏོར་རྒོལ་དེ་ང་ཚོས་བྱས་པ་ཡིན་ཞེས་ངོས་ལེན་བྱས་མེད་པ་རེད།
XS
SM
MD
LG