ངོ་འཕྲད་བདེ་བའི་དྲ་འབྲེལ།

ཤིང་ཅང་ནང་འབར་རྫས་འབར་གས་བྱུང་སྟེ་སྲོག་སྐྱོན་དང་རྨས་སྐྱོན་བྱུང་ཡོད་པ།


ཤིང་ཅང་ངམ་ཤར་ཏུར་ཁེ་སི་ཐན་ནང་རེས་གཟའ་ཕུར་བུའི་ཉིན་འབར་རྫས་འབར་གས་བྱུང་ནས་མི་བདུན་ལ་སྲོག་སྐྱོན་དང་བཅུ་བཞི་ཙམ་ལ་རྨས་སྐྱོན་བྱུང་བའི་རྗེས་ ཤིང་ཅང་གཞུང་གི་མགྲིན་ཚབ་པ་ཧུའུ་ཧན་མིང་གིས་གོང་ཞུས་གནད་དོན་ཐད་གསར་འགོད་པར་གནས་ཚུལ་འགྲེལ་བརྗོད་བྱེད་པའི་སྐབས་ ཁོང་གིས་འབར་རྫས་འབར་གས་བྱེད་མཁན་དེ་བཞིན་ཡུ་ཀུར་བ་ཡིན་པ་དང་ཁོ་པ་འབྲེལ་ཡོད་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོག་རེད་ཅེས་བརྗོད་པ་དང་སྦྲགས་ དྲག་སྤྱོད་ཀྱི་ནང་གནོད་འཚེ་ཕོག་མཁན་མང་ཆེ་བ་ཡང་ཡུ་ཀུར་མི་རིགས་ཡིན་པ་དང་ འགའ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་འབར་གས་དེ་ནི་སྟེས་དབང་དུ་བྱུང་བ་ཞིག་མ་ཡིན་པར་དེ་ནི་ཆེད་མངགས་རྒོལ་བརྡུང་གི་བྱ་སྤྱོད་ལག་བསྟར་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་འདུག

XS
SM
MD
LG