ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཞིན་ཅང་གི་ལས་བྱེད་པ་བཅོ་ལྔ་ལས་ཁུངས་ནས་ཕྱིར་ཕུད།


ཉེ་དུས་ཤིག་ནས་ཞིན་ཅང་གི་ཡུ་གུར་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་དང་། ཁོ་ཚོས་གྲི་དང་འབར་མདེལ། རླངས་འཁོར་སོགས་ཀྱིས་རྡུང་ག་བརྒྱབ་ནས་རྒྱ་གཞུང་གི་ཉེན་རྟོག་པ་དང་རྒྱ་མི་རིགས་ལ་གཏོར་རྒོལ་བྱེད་རྒྱུ་ཤུགས་ཆེ་རུ་བཏང་སྟེ། རྒྱ་ནག་གཞུང་གིས་ཀྱང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་དྲག་གནོན་བྱེད་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་ཅིང་། དེ་རིང་ཕྱི་ཟླ་༨་ཚེས་༡༩་ཉིན་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན། རང་གི་ཆོས་ལུགས་དད་མོས་མཚམས་འཇོག་མི་བྱེད་པའི་གཞུང་གི་བྱེད་པ་བཅོ་ལྔ་ལས་ཁུངས་ནས་ཕྱིར་ཕུད་བྱས་ཡོད་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང་། ལས་བྱེད་པ་དེ་དག་ཡུ་གུར་པ་དང་རྒྱ་མི་རིགས་གང་ཡིན་གསལ་བོ་བཤད་མེད་པ་དང་། ཆོས་ལུགས་དད་མོས་མཚམས་འཇོག་བྱེད་མི་ཐུབ་པ་ཞེས་པའི་ཐ་སྙད་དེས་ལས་ཁུངས་ནས་ཕྱིར་ཕུད་བྱས་པའི་ལས་བྱེད་པ་དེ་དག་ཡུ་གུར་པ་མིན་ནམ་སྙམ་པའི་དོགས་པ་ཞིག་སློང་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG