ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་སྒྱུར་བཅོས།


དུས་རབས་སྔོན་མའི་ལོ་རབས་༧༠་བ་ནས་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ཏེ། རྒྱ་ནག་གི་སྤྱི་ཚོགས་སུ་བཟའ་ཚང་རེ་ལ་བུ་ཕྲུག་གཅིག་ལས་སྐྱེ་ཆོག་གི་མེད་པ་དང་། ད་ལྟ་རྒྱ་ནག་ལ་རྒན་རྒོན་གྱི་མི་འབོར་ཇེ་མང་དང་ན་གཞོན་ངལ་རྩོལ་བའི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། རིམ་བཞིན་རྒྱ་ནག་གཞུང་གིས་བཟའ་ཚང་རེ་ལ་བུ་ཕྲུག་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་དེར་འགྱུར་བ་གཏོང་རྒྱུ་དང་། ད་དུང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་ཧ་ཅང་གནོད་སྐྱོན་ཆེ་བའི་ངལ་རྩོལ་སྒྱུར་བཀོད་ལམ་ལུགས་མེད་པར་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་འདུག ད་ལྟའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་གསར་པའི་འོག་ཏུ་རྒྱ་ནག་གི་ཕ་མ་གང་ཞིག་ལ་སྤུན་མཆེད་མེད་པར་བུ་ཕྲུག་གཅིག་པུ་ཡིན་ན་བཟའ་ཚང་དེར་བུ་ཕྲུག་གཉིས་སྐྱེ་ཆོག་པ་དང་། ད་སྔ་རྒྱ་ནག་གཞུང་གིས་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་དེའི་འོག་ཏུ་གྲོང་ཁྱེར་ཁག་གི་བཟའ་ཚང་ཁག་ལ་བུ་ཕྲུག་གཅིག་ལས་སྐྱེ་མི་ཆོག་ཀྱང་། གྲོང་གསེབ་ཀྱི་བཟའ་ཚང་ཚོར་སྐྱེས་མགོ་བུ་མོ་ཡིན་ན་བུ་ཕྲུག་གཉིས་སྐྱེ་ཆོག་གི་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG