ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གཞུང་གིས་དབུ་མའི་ལམ་རྩ་ཁྲིམས་ལ་རྒྱབ་འགལ་ཡིན་ཟེར།


རྒྱ་ནག་གི་འགོ་ཁྲིད་ཨང་བཞི་པ་ཡུའི་ཀྲེང་ཧྲེང་གིས་ཏཱ་ལའི་བླ་མའི་དབུ་མའི་ལམ་ཟེར་པ་དེ་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རིང་སྐྱོང་གི་ཁྲིམས་ལ་རྒྱབ་ཡིན་པས། ང་ཚོས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་བཏང་ནས་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་ཞེས་གཏམ་བཤད་བྱས་ཡོད་པ་དང་། ད་དུང་རྒྱ་གཞུང་གི་མཐོ་རིམ་འགོ་ཁྲིད་དེའི་གཏམ་བཤད་ལ་བཙན་བྱོལ་བོད་གཞུང་གིས་ལན་འདེབས་བྱས་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG