ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་རྒྱ་ནག་གཉིས་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ།


ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ཟླ་༤་ཚེས་༢༢་ཉིན་སྤེལ་བའི་གསལ་བསྒྲགས་ཀྱི་ནང་དུ་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་གཟའ་འཁོར་རྗེས་མའི་གཟའ་ལྷག་པ་ནས་འགོ་འཛུགས་ཀྱིས་ཉིན་གཉིས་ཀྱི་རིང་པེ་ཅིང་ལ་ཨ་རི་དང་རྒྱ་ནག་གཉིས་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུ་འཚོགས་འཆར་ཡོད་པ་དེའི་སྐབས་སུ་ཉེ་འཆར་རྒྱ་ནག་གཞུང་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་མང་པོ་ཞིག་འཛིན་བཟུང་དང་གར་སོང་མེད་པར་གྱུར་པའི་གནས་ཚུལ་དང་། དེ་བཞིན་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་དང་ཆོས་དད་རང་དབང་། མི་མང་གི་གཏམ་བརྗོད་རང་དབང་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སོགས་གནད་དོན་དེ་དག་ལ་རྒྱ་ནག་གི་འབྲེལ་ཡོད་མི་སྣ་ཚོར་བགྲོ་མོལ་བྱ་རྒྱུ་རེད་ཅེས་བཀོད་ཡོད་པ་རེད།།

XS
SM
MD
LG