ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་དང་ཨ་རིའི་འབྲེལ།


གཟའ་ཉི་མ་འདིར་ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཐོ་མ་སི་ཌོ་ཎི་ལོན་པེ་ཅིང་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དང་། འདི་ནི་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་ཐེངས་ལྔ་བ་ཡིན་ཞིང་། སྲིད་དོན་ཉམས་ཞིབ་པ་ཚོས་བཤད་པ་ལྟར་ན། ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཌོ་ཎི་ལོན་གྱིས་རྒྱ་ནག་གི་འབྲེལ་ཡོད་ལས་སྣེ་ཚོར་ཐུག་འཕྲད་བྱས་ཏེ། ཟླ་བ་རྗེས་མར་ཨ་རིའི་ལོ་སི་ཨན་ཇི་ལི་སི་གྲོང་ཁྱེར་དུ་སྲིད་འཛིན་བྷ་རཀ་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱ་འཆར་ཡོད་པ་དེར་གྲ་སྒྲིག་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་དང་རྒྱ་ནག་གིས་དྲ་ལམ་བརྒྱུད་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པ། རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་གླིང་ཕྲན་འགའ་ཞིག་གི་བདག་དབང་བརྩད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པ་དེར་གྲོས་མོལ་བྱེད་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་ཨ་རིའི་ཉམས་ཞིབ་ཁང་གི་འགན་འཛིན་ཧྲེན་ཏིང་ལི་ཡིས་པེ་ཅིང་དང་ཝ་ཤིང་ཊོན་གཉིས་མི་མཐུན་པའི་འགལ་ཟླ་ཡོད་སྲིད་ཀྱང་། རྩ་བའི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བརྟན་པོ་དང་བཟང་པོ་ཡོད་ཅེས་བཤད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG