ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་ཉི་ཧོང་གི་མངའ་ཁོངས་བདག་རྩོད་ལ་ཨ་རིས་བར་འདུམ།


རྒྱ་ནག་གི་ཤར་ཕྱོགས་མཚོ་ནང་དུ་ཡོད་པའི་ཏིའོ་ཡིའུ་ཐེ་འམ། ཉི་ཧོང་སྐད་ལ་སན་ཁ་ཁུ་ཟེར་པའི་གླིང་ཕྲན་དེ་ཚོར་རྒྱ་ནག་དང་ཉི་ཧོང་གཉིས་ཀས་བདག་རྩོད་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀས་རྒྱ་ནག་དང་ཉི་ཧོང་གཉིས་ལ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཡོད་པ་དེར་བར་འདུམ་བྱེད་རྒྱུའི་གྲོས་གཞི་བཏོན་རུང་། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཤུའི་ཡིས་ང་ཚོའི་མངའ་ཁོངས་བདག་རྩོད་ལ་ཨ་མི་རི་ཀས་བར་འདུམ་བྱེད་དགོས་དོན་མེད་པ་དང་། རྒྱ་ནག་དང་ཉི་ཧོང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་དེ་ང་ཚོ་ཕྱོགས་གཉིས་རང་ངོས་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་ཞེས་ལན་འདེབས་བྱས་ཡོད་པ་རེད།

XS
SM
MD
LG