ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོར་རྒྱ་ནག་གི་དགག་པ།


ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བཏོན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་དེ་འགྲེམ་སྤེལ་བྱས་ཡོད་པ་དང་། ད་ལོའི་སྙན་ཐོ་དེར་རྒྱ་ནག་གཞུང་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་ཤེས་ཡོན་ཅན་སོགས་འཛིན་བཟུང་དང་བཙོན་འཇུག ཁོང་ཚོར་སུན་གཙེར་སྣ་ཚོགས་ཤིག་བྱས་པ་དང་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་པ། རྒྱ་ནག་གི་རང་དབང་འཐབ་རྩོད་པ་མང་པོ་ཞིག་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། འདས་པའི་ལོ་དེར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་སྡུག་ཏུ་སོང་ཡོད་ཅེས་སྐྱོན་བརྗོད་བྱས་ཀྱང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བཏོན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་དེར་དགག་པ་བརྒྱབ་ཡོད་པ་རེད།

XS
SM
MD
LG