ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་གློ་བུར་གྱི་དམག་འཐབ་ལ་གྲ་སྒྲིག་བྱེད་ཀྱི་ཡོད་སྲིད་པ།


ཨ་མི་རི་ཀའི་མཚོ་དམག་གི་མཐོ་རིམ་གསང་བའི་མི་སྣ་ཞིག་གིས་བཤད་པ་ལྟར་ན། རྒྱ་ནག་དང་ཉི་ཧོང་གཉིས་ལ་གླིང་ཕྲན་འགའ་ཞིག་གི་བདག་དབང་ཐོག་ཏུ་རྩོད་གླེང་ཡོད་ཅིང་། དེར་བརྟེན་རྒྱ་ནག་གིས་གློ་བུར་དུ་དུས་ཡུན་ཐུང་ཐུང་ཞིག་ལ་དམག་འཐབ་བྱས་ནས་གླིང་ཕྲན་དེ་དག་ཉི་ཧོང་གི་ལག་ནས་འཕྲོག་ཐབས་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་སྲིད་ཅེས་གནས་ཚུལ་ཐོན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་རིང་དམག་རྒྱག་རྒྱུའི་ཆེད་དུ་དམག་སྦྱོང་བྱེད་བཞིན་ཡོད་པའི་གནས་ཚུལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་གནང་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG