ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་མཚན་ནོར་བུ་དང་བླ་བྲང་གི་དམ་དྲག


The Chinese-appointed Panchen Lama, Gyaltsen Norbu, the boy chosen by China as the reincarnation of the 10th Panchen Lama, attends a ceremony marking the newly created "Serf Liberation Day" in Beijing, China, Friday, March 27, 2009.
The Chinese-appointed Panchen Lama, Gyaltsen Norbu, the boy chosen by China as the reincarnation of the 10th Panchen Lama, attends a ceremony marking the newly created "Serf Liberation Day" in Beijing, China, Friday, March 27, 2009.

ཕྱི་ཟླ་༨་ཚེས་༡༢་ཉིན་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་སྐུ་ཕྲེང་༡༡་པ་རྒྱལ་མཚན་ནོར་བུ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ལ་ཕེབས་ཀྱི་ཡོད་པ་དང་། དེར་བརྟེན་གནས་སྐབས་རིང་བླ་བྲང་བཀྲ་ཤིས་འཁྱིལ་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཡོང་མི་ཆོག་པ་མ་ཟད། ད་སྔ་བླ་བྲང་བཀྲ་ཤིས་འཁྱིལ་ལ་སླེབས་ཚར་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ས་གནས་གཞན་ལ་འགྲོ་དགོས་པ་དང་། པཎ་ཆེན་སྐུ་ཕྲེང་༡༡་པའི་བདེ་འཇགས་སྲུང་སྐྱོབ་དོན་དུ་ང་ཚོས་བསང་ཆུ་རྫོང་གི་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་ཡོད། བླ་བྲང་ས་ཁུལ་གྱི་མགྲོན་ཁང་ཁག་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་སྣེ་ལེན་བྱེད་མི་ཆོག་པའི་བཀའ་བཏང་ཡོད་ཅེས་གནས་ཚུལ་སྤེལ་ཡོད་པ་དང་། བསང་ཆུ་རྫོང་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་མང་དག་ཅིག་ལ་དམག་དང་དྲག་ཆས་ཉེན་རྟོག་པ་འགྲེམ་འཇོག་བྱས་ཏེ། ས་གནས་དེའི་བོད་པ་ཚོས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་སྐུ་ཕྲེང་༡༡་པར་ངོ་རྒོལ་བྱེད་པའམ། ཡང་ན་བོད་མི་མང་གིས་རྒྱལ་མཚན་ནོར་བུ་ལ་ཕྱག་མི་འཚལ་བ་དང་མཇལ་ཁ་མི་ཞུ་བ་སོགས་རྣམ་འགྱུར་ལོག་པ་སྟོན་སྲིད་པའི་ཉེན་ཀ་ཡོད་པ་སྔོན་འགོག་བྱེད་ཀྱི་ཡོད་པ་དང་། ད་དུང་རྒྱལ་མཚན་ནོར་བུ་བླ་བྲང་ལ་ཕེབས་པའི་རིང་དེར་མགོ་ལོག་འཇིགས་མེད་སོགས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་བ་ཁག་ཅིག་དགོན་པའི་ནང་དུ་འདུག་མི་ཆོག་པ་སྟེ། ཁོང་ཚོ་ཉིན་ཤས་རིང་ས་གནས་གཞན་ལ་འགྲོ་དགོས་ཞེས་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

XS
SM
MD
LG