ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གཞུང་གིས་བོད་ས་ཁག་ཏུ་དྲ་རྒྱ་དང་ལག་འཁྱེར་ཁ་པར་ལ་དམ་བསྒྲགས།


ཕྱི་ཟླ་༣་འདིར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་གཉིས་མཉམ་དུ་ཚོགས་ཏེ། རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། རྒྱལ་ནང་གི་སྤྱི་ཚོགས་བདེ་འཇགས་སོགས་གནད་དོན་མང་དག་ཅིག་ལ་གྲོས་བསྡུར་བྱེད་པའི་དུས་ཚོད་གལ་ཆེ་ཞིག་ཡིན་ཞིང་། ཕྱི་ཚེས་༡་ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ལྷག་པའི་ཉིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཡིས་འབྲེལ་ཡོད་ཚན་པ་ཁག་གི་ལས་སྣེ་ཚོར་སྔར་ལས་ལྷག་པའི་གཟབ་ནན་བྱེད་དགོས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུའི་སྐབས་སུ་དྲ་རྒྱ་དང་ལག་འཁྱེར་ཁ་པར་བཅས་ལ་དམ་དྲག་བྱས་ཏེ། རྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་བརྗོད་བྱས་པ་དང་། དེར་བརྟེན་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་དེ་མིན་གྱི་བོད་ས་ཁག་གི་དྲ་རྒྱ་དང་ལག་འཁྱེར་ཁ་པར་བཅས་ལ་སྔར་ལས་ལྷག་པའི་ཞིབ་བཤེར་དང་ལྟ་ཉན་བྱེད་རྒྱུ་ཡིན་པ་མ་ཟད། བོད་པ་ཚོའི་དྲ་རྒྱ་དང་ལག་འཁྱེར་ཁ་པར་བརྒྱུད་ནས་ཕན་ཚུན་འབྲེལ་བ་བྱེད་ཀྱི་ཡོད་པ་དེ་ལ་རྟོག་ཞིབ་ནན་པོ་བྱེད་རྒྱུའི་རྟགས་མཚན་ཞིག་རེད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG