ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གཞུང་གིས་བོད་ལ་ལག་བསྟར་བྱ་རྒྱུའི་ལས་ཐབས་གསར་པ།


རྒྱ་གཞུང་གིས་བོད་ལ་ལག་བསྟར་བྱ་རྒྱུའི་ལས་ཐབས་གསར་པ།
རྒྱ་གཞུང་གིས་བོད་ལ་ལག་བསྟར་བྱ་རྒྱུའི་ལས་ཐབས་གསར་པ།

བརྙན་འཕྲིན་གཟིགས་ན། (Windows Media)

ཐེངས་འདིའི་ལས་རིམ་ལ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཏུ་ཞིང་འབྲོག་ས་ཁུལ་ལ་ལས་དོན་རུ་ཁག་གཏོང་རྒྱུ་དང་གྲྭ་བཙུན་ལ་འཚོ་བའི་རོགས་དངུལ་སྤྲོད་རྒྱུ་སོགས་ལས་ཐབས་གསར་པ་་ཁག་ཅིག་ཐག་གཅོད་བྱུང་ཡོད་པ་དེའི་དགེ་སྐྱོན་སོགས་ལ་བགྲོ་གླེང་བྱེད་རྒྱུ་ཡིན། བགྲོ་གླེང་ལས་རིམ་ལ་རྒྱ་གར་དྷ་རམ་ས་ལ་ནས་བོད་ལྗོངས་ཀུན་ཁྱབ་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་ཚེ་རིང་དབང་ཕྱུག་ལགས་དང་ཐེ་ཝན་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཟུར་པ་བསོད་ནམས་རྡོ་རྗེ་ལགས་མཉམ་ཞུགས་བྱེད་ཀྱི་ཡོད།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།

XS
SM
MD
LG