ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན།


ཉེ་བའི་ལོ་ཤས་ཤིག་ནས་བོད་ཀྱི་ས་གནས་ཁག་ཏུ་བླ་མ་དང་གྲྭ་བ། བཙུན་མ་དང་ཁྱིམ་པ། རྒན་རྒོན་དང་སློབ་ཕྲུག ཞིང་པ་དང་འབྲོག་པ། ཐ་ན་རླངས་འཁོར་ཁ་ལོ་བ་སོགས་བོད་པ་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་ཅིང་། དེང་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་ཚོགས་ཏེ། ད་ལོའི་ཚོགས་ལ་ཕེབས་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་མི་མང་གི་འཚོ་བ་ཡར་རྒྱས་བཏང་ཚེ། བོད་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་པའི་ཕན་ཐོགས་ཆེན་པོ་ཡོད་ཅེས་བསྐྱར་ཟློས་ནན་པོ་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG