ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་གྲོང་གསེབ་པའི་ངོ་རྒོལ།


རྒྱ་ནག་གི་གྲོང་གསེབ་པའི་ངོ་རྒོལ།
རྒྱ་ནག་གི་གྲོང་གསེབ་པའི་ངོ་རྒོལ།

རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན། ལུ་ཧྥེང་གྲོང་ཁྱེར་ཁོངས་སུ་ཡོད་པའི་ཝུ་ཁན་གྲོང་གསེབ་ཀྱི་མི་མང་རྣམས་ས་ཞིང་འདེབས་ལས་དང་། ཁོང་ཚོས་ཉ་དང་འབུ་སྲིན་སོགས་མཚོ་ཟས་ལ་བརྟེན་ནས་འཚོ་བ་རོལ་གྱི་ཡོད་ཀྱང་། ས་གནས་དེའི་གཞུང་འབྲེལ་མི་སྣ་ཚོས་མི་མང་ལ་གྲོས་བསྡུར་དང་། མི་མང་གི་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་གྲོང་གསེབའི་ས་ཞིང་རྒྱ་ཆེན་ཞིག་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་ལ་བཙོངས་པ་དང་། དེར་བརྟེན་མི་གྲངས་ཁྲི་ཚོ་༡་དང་སྟོང་ཕྲག་༣་ལྷག་ཡོད་པའི་ཝུ་ཁན་གྲོང་གསེབ་ཀྱི་མི་མང་གིས་ས་གནས་དེའི་འགོ་ཁྲིད་ཚོར་ངོ་རྒོལ་བྱས་ཏེ། ཁོང་ཚོར་ས་ཞིང་བླངས་པའི་དངུལ་སྒོར་གྱོང་གསབ་སྤྲོད་དགོས་ཞེས་ཞུ་གཏུག་བྱས་པ་དང་། བདུན་ཕྲག་འདིའི་མགོ་སྟོད་དེར་གྲོང་གསེབ་དེའི་མི་མང་གི་འགོ་ཁྲིད་ཤུའི་ཅིན་པོ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས་སུ་གློ་བུར་དུ་འདས་གྲོངས་སུ་གྱུར་པ་དང་། ཝུ་ཁན་གྲོང་གསེབ་ཀྱི་མི་མང་གིས་གཞུང་གི་ཉེན་རྟོག་པས་ཤུའི་ཅིན་པོ་ལ་རྡུང་རྡེག་བཏང་ནས་དམར་གསོད་བྱས་པ་རེད་ཅེས་ངོ་རྒོལ་བྱས་ཏེ། འདས་པའི་ཉི་མ་འགའ་ཞིག་ནས་གྲོང་གསེབ་དེའི་མི་མང་གི་ངོ་རྒོལ་ཁྲོམ་སྐོར་རྒྱ་ཁྱབ་འགྲོ་སྲིད་པའི་ཉེན་ཀ་ཡོད་པ་ཞི་འཇམ་འགྲོ་ཐུབ་མེད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་ཉེན་རྟོག་པ་བཀྲམ་ནས་གྲོང་གསེབ་དེ་མཐའ་བསྐོར་ཡོད་པ་རེད།

XS
SM
MD
LG