ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བོད་ཀྱི་ས་ཐོག་ཏུ་སུ་ཁོ་ཡེ་༣༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཚོད་ལྟ།


བོད་ཀྱི་ས་ཐོག་ཏུ་རྒྱ་ནག་གིས་དམག་དོན་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པ་དང་སྟབས་བསྟུན་ཏེ། ཉེ་ཆར་ཐེངས་དང་པོར་རྒྱ་ནག་གིས་བོད་ཀྱི་ནང་དུ་སུ་ཁོ་ཡེ་༣༠་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཁག་ཅིག་ཚོད་ལྟ་བྱས་འདུག ཨ་རུ་སུ་ནས་ཉོ་སྒྲུབ་བྱས་པའི་དམག་འཐབ་གནམ་གྲུ་དེ་ཚོ་ཚོད་ལྟ་བྱས་པ་དང་མཉམ་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལ་ཉམས་གསོ་བྱས་པའི་གནམ་ཐང་ཁག་ལའང་ཚོད་ལྟ་བྱས་ཤིང་། རྒྱ་ནག་ལ་བོད་ཀྱི་ནང་དུ་འཐབ་འཛིང་གནམ་གྲུ་དེ་རིགས་འཕུར་སྐྱོད་བྱེད་སའི་གནམ་ཐང་ཁག་བདུན་ཡོད་པ་མ་ཟད། གནམ་ཐང་དེ་འདྲ་བ་གཉིས་ནི་ཉེ་བའི་དུས་སུ་གསར་དུ་འཛུགས་སྐྲུན་བྱས་པ་ཞིག་ཡིན་འདུག

XS
SM
MD
LG