ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་དཀར་ཆུའི་ཟས་རིགས་ལ་དུག་སྲེ།


ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དཀར་ཆུའི་ཟས་རིགས་ཁག་ལ་དུག་རྫས་སྲེས་ནས་མི་མང་གི་བདེ་ཐང་ལ་གནོད་པ་དང་། ལྷག་པར་དུ་རྒྱ་ནག་རྒྱལ་ཡོངས་སུ་བྱིས་པ་བརྒྱ་ཕྲག་མང་པོ་ཞིག་གི་མཁལ་མར་རྡོ་ཆགས་ནས་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཏེ། རྒྱ་ནག་གཞུང་གིས་སན་ལུ་འོ་རྩམ་བཟོ་ཚོང་ཁང་གི་འགོ་ཁྲིད་ཁག་ཅིག་ལ་སྲོག་ཁྲིམས་དང་། དུག་རྫས་སྲེ་ལྷད་བྱས་ཡོད་པའི་འོ་མ་སྐམ་པོ་ཚོང་འགྲེམ་པ་མང་པོ་ཞིག་ལ་ཚེ་བཙོན་སོགས་ལོ་མང་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱང་། ད་དུང་ཡང་རྒྱ་ནག་གི་ཁྲོམ་རའི་ནང་དུ་དུག་རྫས་འདྲེས་ཡོད་པའི་འོ་མ་སྐམ་པོ་ཚོང་འགྲེམ་བྱེད་རྒྱུ་འགོག་ཐུབ་ཀྱི་མེད་པ་དང་། དཔེར་ན་ད་ལྟ་སླར་ཡང་ཀན་སུའུ་ཞིང་ཆེན་གྱི་ས་གནས་ཤིག་གི་བྱིས་པ་གསུམ་ལ་འོ་མའི་ནང་གི་དུག་རྫས་ཕོག་ནས་འཆི་སྐྱོན་དང་མི་གཞན་པ་༣༥་ཙམ་ལ་སྨན་བཅོས་བྱེད་དགོས་ཐུག་ཡོད་པ་རེད།།

XS
SM
MD
LG