ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ།


རྒྱ་ནག་གཞུང་གིས་བོད་མདོ་སྨད་ཨ་མདོ་རྔ་བ་ཀིརྟི་དགོན་པར་དྲག་གནོན་བྱས་ཏེ་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་འཛིན་བཟུང་བཙན་འཁྲིད་བྱས་པ་དང་ བཙན་འཁྲིད་ཀྱི་བྱ་སྤྱོད་འདིར་ངོ་རྒོལ་བྱེད་མཁན་ས་གནས་ཀྱི་བོད་མི་ཚོར་ཉེས་རྡུང་ཚད་མེད་བཏང་ནས་ རྒན་རྒོན་གཉིས་དམར་བསད་བཏང་བ་དང་ ད་ལྟ་དགོན་པའི་མཐའ་འཁོར་ཡུག་ཏུ་ རྒྱ་དམག་དང་དྲག་ཆས་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པ་མ་ཟད་ དེ་མིན་བོད་ཀྱི་ས་ཁུལ་གཞན་ཁག་ལའང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སོགས་ཀྱི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG