ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་གི་ཨ་ཧུན་འཇུ་མ་ཏ་ཡིར་གསོད་མཁན་ལ་སྲོག་ཁྲིམས་དང་ཚེ་བཙོན།


<div class="tag_image tag_audio_plain aa" contenteditable="false" mode="audio|plain|2466078">ཞིན་ཅང་གི་ཨ་ཧུན་འཇུ་མ་ཏ་ཡིར་གསོད་མཁན་ལ་སྲོག་ཁྲིམས་དང་ཚེ་བཙོན།<img alt="" src="../../../img/spacer.gif" title="This is just placeholder, it will be replaced on public site." /></div> <p><br /> ཁ་སྔོན་ཕྱི་ཟླ་༧་ཟླ་མཇུག་དེར་ཞིན་ཅང་གི་ཁ་ཆེའི་ཨ་ཧུན་རྒྱ་ནག་གཞུང་ལ་དགའ་ཞེན་བྱེད་མཁན་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མིའི་མཚན་གནས་ཡོད་པ། རྟག་ཏུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་འཛིན་པའི་སྲིད་ཇུས་དེར་རྒྱབ་སྐྱོར་བྱེད་མཁན་ཨ་ཧུན་འཇུ་མ་ཏ་ཡིར་ཞེས་པ་དེར་ཁ་ཤི་སྒར་གྲོང་ཁྱེར་གྱི་ཁ་ཆེའི་ལྷ་ཁང་ཞིག་གི་སྒོ་འགྲམ་དུ་མི་ཁག་ཅིག་གིས་གྲི་དང་སྟ་རས་བརྒྱབ་སྟེ། ཨ་ཧུན་འཇུ་མ་ཏ་ཡིར་དམར་གསོད་བྱས་ཡོད་ཅིང་། སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབ་ནས་ཨ་ཧུན་འཇུ་མ་ཏ་ཡིར་ལ་གྲི་དང་སྟ་རས་རྒྱག་མཁན་མི་གཉིས་བསད་རུང་། དེ་རིང་ཕྱི་ཟླ་༩་ཚེས་༢༩་ཉིན་ཁ་ཤི་སྒར་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཨ་ཧུན་འཇུ་མ་ཏ་ཡིར་དམར་གསོད་བྱས་པའི་ཉེས་དོན་ལ་འབྲེལ་བ་ཡོད་པའི་མི་གཞན་པ་གཉིས་ལ་སྲོག་ཁྲིམས་དང་། ད་དུང་མི་གསུམ་པ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག དེ་ཡང་གཟའ་ཟླ་བའི་ཉིན་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གཞུང་གིས་སྲོག་ཁྲིམས་བཅད་པའི་མི་དེ་དག་གི་མིང་ལ་ཨ་བྷི་དི་ལི་དང་གྷེ་ཎི་ཧ་སན་ཟེར་པ་དང་། ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་མི་དེའི་མིང་ལ་ཨ་ཐ་ཝུ་ལ་ཐུར་སན་ཟེར་གྱི་ཡོད་པས། ཁོང་ཚོའི་མིང་འདོགས་སྟངས་ཀྱི་ཆ་ནས་བཙོན་པ་དེ་རྣམས་ཞིན་ཅང་གི་ཡུ་གུར་པ་ཡིན་ཤེས་པ་ཤེས་རྟོགས་ཐུབ་པ་དང་། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཁྲིམས་ཐག་བཅད་པའི་མི་དེ་ཚོ་མི་རིགས་གང་ཡིན་གསལ་བོ་བཤད་མེད་པ་རེད།།</p>

XS
SM
MD
LG