ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཡུན་ནན་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་གིས་ཁ་ཆེའི་ཆོས་ཀྱི་དོན་དུ་དྲག་སྤྱོད་སྤེལ་མཁན་མི་བཞི་ལ་ལོ་༡༠ནས་༢༠བར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་ མི་དེ་དག་ནི་འཇིགས་བསྐུལ་དྲག་སྤྱོད་པའི་ཚོགས་པའི་ནང་དུ་ཞུགས་པ་དང་ འབར་རྫས་བཟོ་བསྐྲུན་བྱས་པ་སོགས་ནག་ཉེས་ཁ་གསལ་བྱུང་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཤིང་ཧ་གིས་བརྗོད་ཡོད་པ་རེད་ ཁྲིམས་ཆད་བཏང་པིའ་མི་བཞི་པོ་དེ་ཚོའི་མིང་གི་ཐོག་ནས་ཚང་མ་ཡུ་ཁུར་མི་རིགས་ཡིན་པ་དང་ གཟའ་འཁོར་སྔོན་མ་ཡང་ད་ལོའི་ཕྱི་ཟླ་གསུམ་པའི་ནང་དུ་ཁུན་མིང་གྲོང་ཁྱེར་གྱི་མེ་འཁོར་བབས་ཚུགས་སུ་གྲི་བཙུགས་ཏེ་མི་༣༡བསད་པའི་གནས་ཚུལ་དང་འབྲེལ་ཡོད་ཡུ་ཁུར་བ་གསུམ་ལ་སྲོག་ཁྲིམས་དང་བེུད་གཅིག་ལ་ཚེ་བཙོན་གྱི་ཁྲིམས་ཆད་སོགས་བཏང་ཡོད་པ་དང་ ཡང་ཡུ་ཁུར་མི་རིགས་ཡིན་པའི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཨི་ཧམ་ཐོའི་ཏུ་ལའང་ཡོངས་གྲགས་ཀྱི་ཁྲིམས་ཞིབ་བྱེད་བཞིན་ཡོད་པ་དང་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་སྲིད་པའི་ཉེན་ཁ་ཡོད་པ་རེད།

XS
SM
MD
LG