ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་ཁྲེན་ཤི་བཙོན་འཇུག


རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་ཁྲེན་ཤི་བཙོན་འཇུག

རྒྱ་ནག་གི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་གུའི་ཀྲུག་ཞིང་ཆེན། གུའི་དབྱང་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་ཞིག་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་དམངས་གཙོ་དོན་གཉེར་པ་ཁྲེན་ཤི་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློབ་ཐབས་བྱས་པའི་ནག་ཉེས་བཙུགས་ཏེ། ཁོང་ལ་ཕྱི་ཟླ་༡༢་ཚེས་༢༦་ཉིན་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱང་། ཁྲེན་ཤིའི་ཆུང་མ་ཀྲང་ཆུན་ཤོན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁོ་མོའི་ཁྱོ་ག་ཁྲེན་ཤི་ཡིས་རང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློབ་ཐབས་བྱས་པའི་ནག་ཉེས་ཡོད་པ་ངོས་ལེན་བྱས་མེད་པ་དང་། ཁོང་ཚོས་ཁྲེན་ཤི་ཡིས་བྲིས་པའི་རྩོམ་ཡིག་ཁག་གི་བརྗོད་བྱ་ལ་གོ་བ་ལོག་སྒྲུབ་བྱས་ཡོད། ཁྲེན་ཤི་ཡིས་ཀྱང་རང་གི་རྩོམ་ཡིག་ཁག་གི་བརྗོད་བྱ་དེ་དག་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློབ་ཐབས་ཤིག་ལ་གོ་བ་ལེན་གྱི་མེད་པ་དང་། རྒྱ་ནག་གཞུང་ལ་དབང་ཆ་ཡོད་པས་མི་ལ་བཙོན་དབང་གིས་ཁྲིམས་གཅོད་ཅི་ཞིག་བྱེད་འདོད་ཡོད་ཀྱང་བྱེད་ཆོག་གི་ཡོད་པ་རེད་ཅེས་བཤད་ཡོད།

XS
SM
MD
LG