ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཁྲིམས་རྩོད་པ་གའོ་ཀྲེང་ཧྲེང་འཛིན་བཟུང་བྱས་ནས་བཟུང་། ད་བར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གའོ་ཀྲི་ཧྲེང་འཆི་གསོན་ཅི་ཡིན་རྩོད་ཐུབ་ཀྱི་མེད་པ་དང་། ཕྱི་ཟླ་༡༢་ཚེས་༡༦་ཉིན་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གའོ་ཀྲི་ཧྲེང་ལོ་གསུམ་ལ་བཙོན་འཇུག་བྱེད་རྒྱུའི་ཐག་གཅོད་བྱས་པ་ཡིན། ཁོང་སླར་ཡང་བཙོན་ཁང་ལ་ཁྲིད་པ་རེད་ཅེས་གནས་ཚུལ་སྤེལ་པ་དེ་ནི། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཕ་མ་སྤུན་མཆེད། བཟའ་ཟླ་བུ་ཕྲུག་བཅས་ཀྱིས་གའོ་ཀྲི་ཧྲེང་འཚོ་གནས་ཡིན་པ་ཤེས་རྟོགས་ཐུབ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གའོ་ཀྲི་ཧྲེང་འཛིན་བཟུང་བྱས་པ་ཁྲིམས་འགལ་ཡིན་པ་དང་། རྒྱ་ནག་གཞུང་གིས་གའོ་ཀྲི་ཧྲེང་ལ་ཁྲིམས་བཤེར་དྲང་སྙོམས་ཤིག་གཏན་ནས་བྱས་མེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG