ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་གུ་གྷལ་དྲ་ལས་ཀྱིས་རྒྱ་ཁྲིམས་བསྲུང་རྒྱུའི་ཁས་ལེན་བྱས་ཡོད།


ཨ་རིའི་ནང་རྟེན་གཞི་བྱེད་པའི་དྲ་རྒྱའི་ཁེ་ལས་ཚོང་སྡེ་ཆེན་པོ་གུ་གྷལ་ལ་རྒྱ་ནག་ནང་ཚོང་ལས་བྱེད་ཆོག་པའི་ལག་འཁྱེར་བསྐྱར་སྤྲོད་བྱུང་བའི་ཐོག་ད་རིང་གཟའ་མིག་དམར་ཉིན་རྒྱ་ནག་གིས་མང་ཚོགས་ཐོག་དེའི་སྐོར་གཏམ་བཤད་ཐོག་མ་བྱས་པའི་ནང་ དྲ་རྒྱའི་ཁེ་ལས་དེ་ཡིས་རྒྱ་ནག་གི་ཁྲིམས་ལུགས་ལ་བརྩི་བཀུར་དང་ལེན་དང་སོ་སོའི་ལས་དོན་ལ་ལེགས་བཅོས་བྱ་རྒྱུའི་ཁས་ལེན་བྱས་པའི་རྗེས་ ཁོང་ཚོར་ལས་དོན་ལག་འཁྱེར་བསྐྱར་སྤྲོད་བྱས་པ་ཡིན་ཞེས་བརྗདོ་ཡོད་པ་རེད། འོན་ཀྱང་གུ་གྷལ་གྱིས་ཧོང་ཀོང་ནང་ཐད་ཀར་འཚོལ་ཞིབ་ཀྱི་ཆ་རྐྱེན་མཚམས་འཇོག་བྱས་ཏེ་དེ་རྒྱ་ནག་ནང་འཚོལ་བསྒྲུབ་ཐུབ་པ་བཟོས་ཡོད་པ་ལས་ དེ་མིན་ཁོང་ཚོའི་ཐོག་བཏང་འཛིན་རྣམ་དམ་དྲག་གང་ཡང་བྱ་རྒྱུའི་ཁས་ལེན་བྱས་མེད་ལུགས་བརྗོད་ཡོད་པ་རེད།

XS
SM
MD
LG