ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དང་ཆབ་སྲིད་ཀྱི་འགལ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མ་གཞི་2020ལོ་ནི་རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་རྒྱལ་ཡོངས་དབུལ་ཕོངས་ལས་ཐར་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་གྲུབ་ཡོང་རྒྱུ་ཡིན་ཟེར་བའི་ལོ་ཡིན་ཡང་། ཉེ་དུས་སྲིད་བློན་ལི་ཁེ་ཆང་གིས་ད་ལྟ་རྒྱ་ནག་ལ་ད་དུང་མི་འབོར་དུང་ཕྱུར་དྲུག་ཙམ་ལ་ཟླ་བ་རེ་ལ་ཡོང་འབབ་རྒྱ་མི་སྒོར་མོ་གཅིག་སྟོང་ལས་མེད་པ་བརྗོད་འདུག

མ་གཞི་2020ལོ་ནི་རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་རྒྱལ་ཡོངས་དབུལ་ཕོངས་ལས་ཐར་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་གྲུབ་ཡོང་རྒྱུ་ཡིན་ཟེར་བའི་ལོ་ཡིན་ཡང་། ཉེ་དུས་སྲིད་བློན་ལི་ཁེ་ཆང་གིས་ད་ལྟ་རྒྱ་ནག་ལ་ད་དུང་མི་འབོར་དུང་ཕྱུར་དྲུག་ཙམ་ལ་ཟླ་བ་རེ་ལ་ཡོང་འབབ་རྒྱ་མི་སྒོར་མོ་གཅིག་སྟོང་ལས་མེད་པ་བརྗོད་འདུག ཡང་དཔལ་འབྱོར་སླར་གསོ་ཡོང་ཆེད་དེང་སང་རྒྱ་ནག་དུ་ཕྱོགས་གཅིག་ནས་སྲིད་བློན་ལི་ཁེ་ཆང་གིས་བསྟན་པའི་ཐང་ཁྲོམ་དཔལ་འབྱོར་ཟེར་བ་དེ་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ལ་མང་ཚོགས་རྣམས་ཀྱིས་ཀྱང་དེ་ལ་དགའ་བསུ་བྱེད་གི་ཡོད་པ་རེད། འོན་ཏེ་རྒྱ་ནག་དཔོན་རིགས་ཁག་ཅིག་གིས་དེ་ལ་འགག་པ་རྒྱག་བཞིན་པའི་གནས་ཚུལ་བྱུང་འདུག གཞན་ཡང་རྒྱ་ནག་གི་དམར་ཤོག་ཚོགས་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཚའེ་ཤག་ཟེར་བ་ཞིག་གིས་ཞི་ཅིང་ཕིང་གནས་དབྱུང་མ་བཏང་ན་རྒྱ་ནག་དམར་ཤོག་གཞུང་ལ་རེ་བ་མི་འདུག་ཅེས་སྐྱོན་བརྗོད་བྱས་པའི་སྒྲ་འཇུག་ཅིག་དྲ་ལམ་ཐོག་བརྒྱུད་སྤེལ་ཤུགས་ཆེ་བྱེད་བཞིན་འདུག ཐེངས་འདིའི་ཀུན་གླེང་ལས་རིམ་གྱི་ནང་ལ་གོང་འཁོད་བརྗོད་གཞི་གསུམ་གྱི་སྐོར་ལ་བགྲོ་གླེང་ཞུས་ཡོད།
XS
SM
MD
LG