ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མི་རི་ཀར་མེ་ཤུགས་འཕུར་མདའ་འགོག་སྲུང་ཕྱིར་འཐེན་དགོས་པའི་འབོད་སྐུལ།


རྒྱ་ནག་དང་ར་ཤི་ཡ་གཉིས་ཀྱིས་ཨ་མི་རི་ཀར་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་མེ་ཤུགས་འཕུར་མདའ་འགོག་སྲུང་གི་འཕྲུལ་ཆ་གསར་པ་འཛུགས་འཆར་ཡོད་པ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུས་འདུག་ཅིང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཨ་མི་རི་ཀས་ཀོ་རི་ཡའི་ཕྱེད་གླིང་དེར་མེ་ཤུགས་འཕུར་མདའ་འགོག་སྲུང་གི་འཕྲུལ་ཆས་བཙུགས་ན་རྒྱ་ནག་དང་ར་ཤི་ཡ་གཉིས་ལ་བློ་འཚབ་ཡོད་པ་རྒྱུ་མཚན་ལྡན་པ་དང་། རྒྱ་ནག་དང་ར་ཤི་ཡའི་བློ་འཚབ་དེར་ཨ་མི་རི་ཀས་བསམ་གཞིག་བྱ་དགོས་པ་མ་ཟད། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀས་མེ་ཤུགས་འཕུར་མདའ་འགོག་སྲུང་གི་འཕྲུལ་ཆས་འཛུགས་འཆར་ཡོད་པ་འབྲེལ་ཡོད་རྒྱལ་ཁབ་ཁག་གི་རྒྱལ་སྲུང་དགོས་མཁོ་ལ་མི་མཐུན་པའི་བྱེད་སྟངས་ཤིག་ཡིན། གལ་སྲིད་འཕྲུལ་ཆ་དེའི་རིགས་འགྲེམ་འཇོག་བྱེད་ན་རྒྱ་ནག་དང་ར་ཤི་ཡའི་འཐབ་བྱུས་དང་བདེ་འཇགས་སྲུང་སྐྱོབ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་གསུངས་པ་དང་། གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡས་འཕུར་མདའ་གཉིས་ཚོད་ལྟ་བྱས་པ་དེར་ལམ་ལྷོང་བྱུང་མ་སོང་ཞེས་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་དང་ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གིས་བཤད་འདུག

XS
SM
MD
LG