ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་ལ་གཏོར་རྒོལ་བྱུང་ནས་མི་ལ་སྲོག་སྐྱོན་ཕོག་པའི་གྲངས་འབོར་བསྐྱར་བཅོས།


ཁ་སྔོན་གཟའ་ཉི་མའི་ཉིན་ཞིན་ཅང་གི་ལུན་ཐེའི་ས་གནས་ཀྱི་ཞིང་པའི་ཁྲོམ་ར་ཞིག་དང་ཉེན་རྟོག་ལས་ཁུངས་གཉིས། ཚོང་ཁང་ཞིག་བཅས་ས་གནས་ཁག་བཞི་ལ་འབར་མདེལ་གྱིས་གཏོར་རྒོལ་བྱས་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་དྲག་སྤྱོད་པ་ཚུད་པའི་མི་༤༠་ཐམ་པར་སྲོག་སྐྱོན་ཕོག་འདུག་ཅེས་ཁྱབ་བསྒྲགས་བྱས་རུང་། དེ་རིང་གཟའ་པ་སངས་ཉིན་ཞིན་ཅང་གི་ཐེན་ཧྲན་གསར་འགྱུར་དྲ་བའི་ནང་དུ་གནས་ཚུལ་སྤེལ་པ་ལྟར་ན། ཕྱི་ཟླ་༩་ཚེས་༢༡་གི་ཕྱི་དྲོ་ཆུ་ཚོད་༥་སྟེང་དུ་གཏོར་རྒོལ་བྱས་པའི་སྐབས་སུ་དྲག་སྤྱོད་པ་༤༠་ཐམ་པ་ཚུད་པའི་ཁྱོན་བསྡོམས་མི་༥༠་ཐམ་པར་སྲོག་སྐྱོན་བྱུང་བ་དང་། མི་གཞན་པ་༥༤་ལ་རྨས་སྐྱོན་ཕོག་པ་དེ་དག་གི་གྲས་སུ་ཡུ་གུར་པ་༣༢་དང་རྒྱ་ནག་པ་༢༢་ཡོད་ཅེས་གྲངས་འབོར་གསར་པ་ཞིག་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG