ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའིདྲུང་ཆེ་འཕོ་འགྱུར།


བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའིདྲུང་ཆེ་འཕོ་འགྱུར།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆིང་ལི་འཕོ་འགྱུར་བཏང་བའི་གནས་ཚུལ་སྤེལ་རུང་། ཀྲང་ཆིང་ལི་འཕོ་འགྱུར་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཡིན་དང་ཀྲང་ཆིང་ལི་ལས་གནས་གསར་་པ་གང་འདྲ་ཞིག་ལ་བསྐོ་བཞག་བྱ་འཆར་ཡོད་མེད་བཅས་ཀྱི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་ཅིང་། གཤམ་ལ་་རྡོ་རྗེ་ཚེ་བརྟན་གྱིས་ཎིའུ་ཡོིཀ་གྲོང་ཁྱེར་དུ་བཅའ་སྡོད་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་བོད་རྒྱ་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་སུ་འདས་པའི་ལོ་ལྔའི་རིང་ཀྲང་ཆིང་ལི་ཡིས་བོད་རང་སྐྱོང་ལྗོངས་སུ་ལས་དོན་བསྒྲུབས་པའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པ་ཁྲེན་ཆོན་གོ་ཡི་རྒྱབ་ལྗོངས་སོགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG