ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྐད་འཕྲིན་ཞིབ་བཤེར་དམ་དྲག་གི་སྲིད་ཇུས།


ད་ལྟ་རྒྱ་ནག་མི་མང་གིས་བེད་སྤྱོད་ཤུགས་ཆེ་བྱེད་བཞིན་པའི་weixin ནམ་ ཡང་ན་བོད་མི་ཚོས་སྐད་འཕྲིན་ཞེས་འབོད་པའི་གླེང་མོལ་གླེང་སྟེགས་འདིར། རྒྱ་ནག་གཞུང་གིས་སྔར་ལས་ལྷག་པའི་ཞིབ་བཤེར་དང་འབྲེལ་དམ་དྲག་དང་བཀག་སྡོམ་བྱ་རྒྱུ་ཡིན་པའི་སྲིད་ཇུས་ཤིག་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། དབྱེ་ཞིབ་པ་ཚོས་སྲིད་ཇུས་འདི་ནི་རྒྱ་ནག་གི་སློབ་ཕྲུག་དམངས་གཙོའི་ལས་འགུལ་སྟེ་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་མི་ལོ་༢༥འཁོར་བའི་དུས་དྲན་སླེབས་ཉེར་ཡོད་པ་དང་ཞིན་ཅང་ས་ཁུལ་དུ་སྔ་ཕྱིར་དྲག་སྤྱོད་ཀྱི་དོན་རྐྱེན་བྱུང་བ་ལ་འབྲེལ་བ་ཡོད་པ་བརྗོད་འདུག་པ་འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG