ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཕྱི་སྡོད་བོད་མིར་བོད་ནང་རང་ལུས་ལ་མེ་སྤར་བའི་རྒྱུད་བསྐུལ་པའི་ཉེས་འཛུགས།


རྒྱ་ནག་གིས་ཕྱི་སྡོད་བོད་མིར་བོད་ནང་རང་ལུས་ལ་མེ་སྤར་བའི་རྒྱུད་བསྐུལ་པའི་ཉེས་འཛུགས།

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ད་རིང་གཟའ་མིག་དམར་ཉིན་གཏམ་བཤད་བྱས་ཏེ་བོད་ནང་རང་ལུས་ལ་མེ་སྤར་བའི་བྱ་སྤྱོད་དེ་དག་ནི་ཕྱི་རྒྱལ་དུ་གནས་འཁོད་ཏཱ་ལའི་བླ་མའི་རྗེས་འབྲང་བ་ཚོས་རྒྱ་ནག་གཞུང་མགོ་རྟིང་སློག་རྒྱུར་དམིགས་ཏེ་རྒྱུད་བསྐུལ་བྱས་པ་རེད་ཅེས་ཉེས་འཛུགས་བྱས་འདུག་ཅིང་ རྒྱ་ནག་གི་གཏམ་བཤད་དེ་ནི་ཁ་ས་ཕྱི་ཟླ་བཅུ་པའི་ཚེས་༡༠འི་ཉིན་དབུས་བོད་ནང་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་ལ་མེ་སྤར་བའི་གནས་ཚུལ་བྱུང་དང་འབྱུང་ཞིན་པ་དེ་དག་གི་ཐད་དོ་འཁུར་དང་ལས་དོན་འཕྲལ་དུ་བྱེད་དགོས་པའི་སྐུལ་མ་བྱས་པ་དེའི་ལན་འདེབས་ཤིག་ཡིན་འདུག

XS
SM
MD
LG