ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ས་འགུལ་ནང་དུ་མི་ལ་སྲོག་སྐྱོན་ཕོག་པའི་གྲངས་འབོར་ཇེ་མང་།


༄༅།། ཁ་སྔོན་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་ཁོངས་སུ་ཡོད་པའི་ཏིང་ཤི་ས་གནས་ལ་ས་འགུལ་བརྒྱུགས་ཏེ། ད་ལྟ་མི་ལ་འཆི་སྐྱོན་ཕོག་པའི་གྲངས་འབོར་༩༤་ཟིན་ཡོད་ཅིང་། མི་གྲངས་འབུམ་༡༢༠༠༠༠་ལྷག་ལ་ས་ཡོམ་གྱི་གནོད་འཚེ་ཕོག་པ་དང་མི་མང་༣༡༦༠༠་ལྷག་གནས་སྐབས་ཀྱི་སྡོད་སྒར་ཞིག་ཏུ་གཞིས་ཆགས་དགོས་བྱུང་ཡོད་པ་དང་། ད་དུང་མི་༡༠༠༠་ལྷག་གར་སོང་ཆ་མེད་དུ་གྱུར་ནས་འཆི་གསོན་ཅི་ཡིན་རྩད་གཅོད་ཐུབ་ཀྱི་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཏིང་ཤི་ས་གནས་ཀྱི་རང་བྱུང་གནོད་འཚེ་ལ་ཞིབ་འཇུག་བྱས་ནས་གནས་ཚུལ་ལྟར་ན། ད་ཐེངས་ཀྱི་ས་ཡོམ་སྐབས་སུ་སྤྱི་སྒེར་གྱི་ཁང་པ་ཁྲི་ཚོ་༦་མ་ཟིན་ཙམ་ཞིག་རྩ་གཏོར་བཏང་ཡོད་པ་དང་། ཁང་པ་༢༤༠༠༠༠་ལྷག་ལ་གས་སྐྱོན་ཕོག་ཡོད་པས། ཏིང་ཤི་ས་གནས་ཀྱི་སློབ་གྲྭ་༣༦༠་ལྷག་ཐོར་ཞིག་སོང་ཡོད་པ་དང་། དེར་བརྟེན་ལོ་འདིའི་ཕྱི་ཟླ་༩་ནང་སློབ་ཕྲུག་༡༦༠༠༠་་ལྷག་བསྐྱར་དུ་སློབ་གྲྭ་འཚོགས་ཐུབ་པའི་རེ་བ་མེད་ཅིང་། ཏིང་ཤི་ས་གནས་ཀྱི་གྲོང་གསེབ་ཁག་ལ་རི་ཉིལ་ནས་ལམ་འགགས་པ་དང་ཁ་པར་གྱི་གློག་སྐུད་བཅད་པ། མི་མང་ལ་བཟའ་བཏུང་དང་སྨན། གུར་སོགས་ཛ་དྲག་གི་མཁོ་ཆས་དེ་རྣམས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཐེར་གྱི་མེད་པ་དང་། སྨན་ཁང་ལ་སྐྱེལ་མ་ཐུབ་པའི་རྨས་མ་ཚོར་ལམ་ཟུར་དང་རླངས་འཁོར་འཇོག་ས་བཅས་སུ་སྨན་ཁང་ཚུགས་ནས་སྨན་བཅོས་བྱེད་ཀྱི་ཡོད་པ་རེད།།
please wait

No media source currently available

0:00 0:03:01 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG