ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ངལ་རྩོལ་པས་་ངོ་རྒོལ།


རྒྱ་ནག་གི་ངལ་རྩོལ་པས་་ངོ་རྒོལ།
རྒྱ་ནག་གི་ངལ་རྩོལ་པས་་ངོ་རྒོལ།

ཀྲེ་ཅང་ཞིང་ཆེན་གྱི་གྲོང་ཁྱེར་ཁག་ཏུ་རྒྱ་ནག་གི་གྲོང་གསེབ་འདྲ་མིན་གྱི་ངལ་རྩོལ་བ་འབུམ་ཕྲག་མང་པོ་ཡོད་པ་དང་། ཁོང་ཚོས་གྲོང་ཁྱེར་ནང་དུ་ལས་ཀ་འཚོལ་པའི་ཞོར་དུ་ཚོང་ཁང་ཆུང་ཁག་རེ་ཡང་གཉེར་གྱི་ཡོད་རུང་། ཀྲེ་ཅང་ཞིང་ཆེན་གྱི་ཀྲི་ལི་གྲོང་རྡལ་གཞུང་གིས་གྲོང་གསེབ་ནས་ཡོང་བའི་ངལ་རྩོལ་པས་གཉེར་པའི་ཚོང་ཁང་བདག་པོ་ཚོར་དཔྱ་ཁྲལ་བརྒྱབ་སྟེ། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་གྲོང་རྡལ་དེའི་ས་གནས་གང་སར་གྲོང་གསེབ་ནས་ཡོང་བའི་ངལ་རྩོལ་བ་ཚོས་དཔྱ་ཁྲལ་སྤྲོད་རྒྱུ་མིན་ཞེས་ངོ་རྒོལ་བྱས་པ་དང་། རྒྱ་ནག་གཞུང་གིས་འཕྲལ་དུ་ཉེན་རྟོག་པ་བཏང་ནས་མི་མང་ངོ་རྒོལ་བྱེད་མཁན་ཚོར་དྲག་གནོན་བྱས་ཀྱང་། ཀྲི་ལི་གྲོང་རྡལ་གཞུང་གིས་གྲོང་གསེབ་ནས་ཡོང་བའི་ངལ་རྩོལ་པ་ཚོར་དཔྱ་ཁྲལ་བསྡུ་རྒྱུ་མིན་པའི་ཐག་གཅོད་བྱས་པ་དང་། ད་ལྟ་གྲོང་རྡལ་དེའི་མི་མང་གི་ངོ་རྒོལ་ཁྲོམ་སྐོར་ཡང་ཞི་འཇམ་དུ་སོང་ཡོད་པ་རེད།

XS
SM
MD
LG