ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་རང་གི་ལས་དོན་བྱེད་ཕྱོགས་ཕྱི་གསལ་ནང་གསལ་ཆེ་རུ་ཕྱིན་ཚུལ་ཤོད་ཀྱི་ཡོད་པ།


རྒྱ་ནག་གཞུང་གིས་འདས་པའི་ལོར་འགྲོ་བ་མིའི་ཐོབ་ཐང་གི་ཐད་ཡར་རྒྱས་ཇི་བྱུང་གི་སྐོར་ རྒྱབ་ཤ་དཀར་པོ་ཟེར་བའི་སྙན་ཐོ་ཞིག་གཟའ་ཉི་མའི་ཉིན་བཏོན་ཡོད་པ་དེའི་ནང་ འཕྲིན་གཏོང་དྲྭ་རྒྱ་བརྒྱུད་ནས་ གཞུང་གི་ལས་དོན་བྱེད་ཕྱོགས་ཕྱི་གསལ་ནང་གསལ་ཆེ་རུ་བཏང་བ་དང་ ཉེན་རྟོག་དང་ཁྲིམས་དོན་ཚན་པར་ལེགས་བཅོས་བྱས་པ་བཅས་ནི་ འགྲོ་བ་མའི་ཐོབ་ཐང་གི་ཐད་ཡར་རྒྱས་ཀྱི་གྲུབ་འབྲས་ཆེ་ཤོས་གྲས་ཤིག་ཡིན་ཞེས་བཤད་ཡོད་པ་རེད་ འོན་ཀྱང་ འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གི་སྙན་ཐོའི་ནང་བཀོད་པའི་གནས་ཚུལ་དེ་ཚོ་ནི་ དོན་དངོས་དང་མ་མཐུན་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད་

XS
SM
MD
LG